rKTs


H153

(e-text produced by ACIP)




2a
༄##། །འདས་རྒྱལ་པོའི་ཁབ། དེ་བཞིན་གཤེགས་པའི་སྤྱོད་ཡུལ། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས། དེ་བཞིན་གཤེགས་པའི་གནས། བསོད་ནམས་ཆེན་པོའི་རྒྱན་གྱི་ཚོགས་བསགས་པ། སྤྱོད་པ་ཆེན་པོའི་རྒྱུ་མཐུན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པར་སྨིན་པས་མངོན་པར་གྲུབ་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་གནས་བསྟན་པ་མཐའ་ཡས་པ། དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པས་བྱིན་གྱིས་བརླབས་པ། ཆགས་པ་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ། དགའ་བ་རྒྱ་ཆེན་པོ་བསྐྱེད་པ། དྲན་པ་དང ། བློ་གྲོས་དང ། རྟོགས་པས་འཇུག་པ། ཀུན་ནས་མ་སྨད་པ །